地方频道:

北京 | 天津 | 上海 | 重庆 | 吉林 | 河北 | 山西 | 陕西 | 宁夏 | 甘肃 | 新疆 | 西藏 | 山东 | 河南 | 江苏 | 湖北 | 安徽 | 江西 | 辽宁 | 湖南 | 浙江 | 福建 | 广东 | 云南 | 贵州 | 青海 | 台湾 | 广西 | 黑龙江 | 内蒙古 | 香港 | 澳门 | 大湾区

电子杂志
车辆查询
人员查询

扰乱秩序还袭警? 这事大了!涉嫌妨害公务,已刑拘(藏汉双语)

 

对他人防盗门拳打脚踢
影响他人正常休息
民警好言相劝不但不听
还辱骂、推搡、殴打处警民辅警
最终将自己“作”进了看守所
......
近日,贵南县公安局茫曲派出所民警接到群众求助称,有一人在对着自家防盗门拳打脚踢,严重扰乱了正常休息,茫曲派出所值班民辅警立即赶往现场进行处置,处置过程中民辅警发现当事人三某某处于醉酒状态,在安抚其情绪时,三某某非但不听民辅警劝阻反而开始对处置民辅警进行辱骂、推搡,甚至追打民辅警,造成民辅警脸部、腿部不同程度受伤。
三某某的违法行为严重妨害了公安机关人民警察依法执行公务,造成恶劣影响,得知该情况后县公安局党委高度重视,立即启动民、辅警维权机制,组织刑警大队认真调查、全面取证,强调对肆意侵害公务的违法犯罪行为必须坚决予以打击处理。办案民警待犯罪嫌疑人三某某醒酒后依法将其传唤至公安机关进行讯问,通过其供述及民警执法记录仪拍摄的音频资料,犯罪嫌疑人对其在凌晨无故辱骂、推搡民警并用拳头挥打处警民警的违法犯罪事实供认不讳。目前,犯罪嫌疑人三某某已被我局依法刑事拘留,目前该案正在进一步办审理当中。 

警方提醒:

公安机关及其他执法部门的正当执法执勤工作受法律保护,不容侵犯。对谩骂、无理纠缠、煽动、纠集他人或者以暴力、胁迫方法阻碍国家机关工作人员依法执行职务的,公安机关将坚持“零容忍”,坚决依法严厉打击。如对执法有异议,或认为执法人员在执法过程中有违法行为,可通过正当途径,拨打110电话投诉。

ཉེ་ཆར།ཀོས་ནན་རྫོང་སྤྱི་བདེ་ཅུའུ་མང་ཆུ་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་མང་ཚོགས་ཀྱི་ཉེན་བརྡ་འབྱོར་ནས་བཤད་རྒྱུར།མི་རྒྱུས་མེད་ཅིག་གིས་ཁོའི་ཁྱིམ་གྱི་རྐུན་འགོག་སྒོ་མོར་རྡོག་ཐོ་སེར་བ་འབབ་པ་ལྟར་གཞུས་ནས་རྒྱུན་ལྡན་གྱི་ངལ་གསོ་ལ་བར་ཆད་བཟོ་གིན་འདུག་ཅེས་འབྱོར།མང་ཆུ་མངག་གཏོང་ཁང་གི་ལས་རེས་མི་དམངས་ཉེན་རྟོག་པ་འཕྲལ་མར་ཡུལ་དངོས་སུ་སོང་ནས་དོན་དག་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད་དུ།བསམ་ཆེ་གེ་མོ་ཆང་གིས་ར་བཟི་ནས་མི་དམངས་ཉེན་རྟོག་པའི་ཁ་ཏ་སློབ་གསོ་དག་རྣ་རྒྱབ་ཀྱི་རླུང་བུར་བརྩིས་བ་མ་ཟད་མི་དམངས་ཉེན་རྟོག་པར་སྡིགས་དམོད་དང་ཕུད་རྒྱག  ཐ་ན་བདའ་རྡུང་སོགས་བྱས་ཏེ་མི་དམངས་ཉེན་རྟོག་པའི་ངོ་གདོང་དང་རྐང་པར་ཚད་མི་འདྲ་བའི་རྨས་སྐྱོན་བཟོས།
བསམ་ཆེ་གེ་མོའི་ཁྲིམས་འགལ་གྱི་བྱ་སྤྱོད་འདིས་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་གཞུང་དོན་སྒྲུབ་པར་འགོག་རྐྱེན་དང་ཤུགས་རྐྱེན་ངན་པ་བཟོས་ཡོད་པས།རྫོང་སྤྱི་བདེ་ཅུའུ་ཏང་ཨུད་ཀྱིས་གནས་ཚུལ་དེ་ཤེས་མ་ཐག་དེར་ཚད་མཐོའི་མཐོང་ཆེན་བྱས་ཏེ་འཕྲལ་དུ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ལམ་སྲོལ་ལག་བསྟར་བྱས་པ་དང་།ཉེས་དོན་ཉེན་རྟོག་རུ་ཆེན་རྩ་འཛུགས་བྱས་ཏེ་གྱོད་དོན་དེར་ནན་གྱིས་བརྟག་དཔྱད་དང་ཕྱོགས་ཡོངས་ནས་དཔང་ལེན་བྱས་པ་མ་ཟད།དོན་མེད་དུ་གཞུང་དོན་ལ་འགོག་རྐྱེན་བཟོས་པའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་ངེས་པར་དུ་རྡུང་རྡེག་དང་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་པ་ནན་གྱིས་བསྟན།གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་དོགས་ཡོད་ཉེས་ཅན་བསམ་ཆེ་གེ་མོ་ཆང་སངས་རྗེས་ཁྲིམས་ལྟར་སྤྱི་བདེ་ལས་ཁུངས་སུ་འབོད་འགུག་དང་འདྲི་རྩད་བྱས།མི་དམངས་ཉེན་རྟོག་པའི་ཁྲིམས་འཛིན་ཐོ་འགོད་དཔྱད་ཆས་ཀྱིས་བརྙན་རིས་དང་དོགས་ཡོད་ཉེས་ཅན་གྱི་ངོས་ལེན་བརྒྱུད་དེ་ཐོ་རེངས་དེར་དོན་མེད་དུ་ཉེན་རྟོག་པར་སྡིགས་དམོད་དང་ཕུད་རྒྱག་བྱས་པ།ད་དུང་ཉེན་རྟོག་པར་ཁུ་ཚུར་གཞུས་པ་དང་བདའ་རྡུང་སོགས་བྱས་པའི་ཁྲིམས་འགལ་བྱ་སྤྱོད་དག་སྦ་གསང་ཅི་ཡང་མེད་པར་ཡོངས་སུ་ཁས་ལེན་བྱས།མིག་སྔར་དོགས་ཡོད་ཉེས་ཅན་བསམ་ཆེ་གེ་མོ་ངེད་ཅུས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད་པ་དང་གྱོད་གཞི་འདི་གོམ་གང་མདུན་སྤོས་ཀྱིས་ཐག་གཅོད་བྱེད་བཞིན་པའི་སྒང་ཡིན།

ཉེན་རྟོག་ཕྱོགས་ཀྱི་དྲན་སྐུལ།

སྤྱི་བདེ་ལས་ཁུངས་དང་དེ་བཞིན་ཁྲིམས་འཛིན་སྡེ་ཚན་གཞན་དག་གི་ཁྲིམས་འཛིན་གྱི་ལས་དོན་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཡོད་པས་དེར་གནོད་འཚེ་གཏོང་མི་རུང་།རྒྱལ་ཁབ་ཀྱི་ལས་དོན་མི་སྣས་ཁྲིམས་ལྟར་ལས་འགན་སྒྲུབ་པར་སྡིགས་དམོད་བྱེད་པ་དང་ངན་སྐུལ་བྱེད་པ།མི་གཞན་བསྡུ་རུབ་བྱས་ནས་དྲག་ཤུགས་དང་འཇིགས་སྐུལ་གྱི་བྱ་ཐབས་ལ་བརྟེན་ནས་ལས་འགན་སྒྲུབ་པར་བཀག་འགོག་སོགས་བྱས་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱིས“བཟོད་སྒོམ་གཏན་ནས་མི་བྱེད་པ”མཐའ་འཁྱོངས་བྱས་ནས་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་རྒྱུ་ཡིན།གལ་སྲིད་ཁྲིམས་འཛིན་ཐད་བསམ་འཆར་མི་མཐུན་པ་ཡོད་པའམ་ཡང་ན་ཁྲིམས་འཛིན་མི་སྣས་ཁྲིམས་འཛིན་བརྒྱུད་རིམ་ཁྲོད་ཁྲིམས་འགལ་བྱ་སྤྱོད་ཡོད་པར་སྙམ་ཚེ་ལུགས་མཐུན་གྱི་ཐབས་ལམ་བརྒྱུད་དེ་110ལ་ཁ་པར་བརྒྱབ་ནས་ཞུ་གཏུག་བྱས་ཆོག

来源:贵南县公安局  责编:何得鹏     审核:柳富刚   

 

 

发布时间:2021年7月21日
浏览量:10280
首页    政法动态    扰乱秩序还袭警? 这事大了!涉嫌妨害公务,已刑拘(藏汉双语)

热门新闻